སྐྱ་འགྲིབ་ཟེར་བ་འདི་གང་ཞིག་ཡིན་ནམ་།

མིའི་མིག་ནང་དུ་མིག་དབང་གི་ཆུ་ཤེལ་ལྟ་བུ་ཞིག་ཡོད་།  དི་ལ་པར་ཆས་ཀྱི་དྭངས་ཤེལ་དང་འདྲ་བའི་ནུས་པ་ལྡན་ཞིང་།   དེ་བརྒྱུད་ནས་འོད་རྣམས་གཞི་གཅིག་ཏུ་འདུས་ནས་མཐར་ང་ཚོས་དངོས་པོ་མཐོང་ཐུབ་པར་འགྱུར།   གཞོན་སྐྱེས་ཀྱི་དུས་ལ་མིག་དབང་གི་ཆུ་ཤེལ་དེ་དྭངས་གཙང་ཞིང་ཚོན་ཁྲ་མེད།   ཡིན་ནའང་ལོ་རྒན་དུ་འགྲོ་བ་དང་ཆབ་གཅིག་མིག་དབང་གི་ཆུ་ཤེལ་དེ་རིམ་བཞིན་མི་གསལ་བ་དང་ཚོན་ཁྲ་ཡང་ཇི་སེར་དུ་འགྱུར་གྱི་ཡོད།  མིག་དབང་གི་དྭངས་ཤེལ་ཐོག་ཏུ་འཁོར་བའི་འགྲིབ་པ་འདི་ལ་སྐྱ་འགྲིབ་ཟེར།གལ་སྲིད་དུས་ཡུན་རིང་པོ་རིང་སྨན་བཅོས་བྱེད་མི་ཐུབ་ཚེ་སྐྱ་འགྲིབ་ཀྱིས་རྐྱེན་ནས་མིག་ཤེད་ཉམས་ཏེ་མིག་མི་གསལ་བ་དང་འོད་ལེན་སྐབས་ཚོར་སྣང་སྐྱེན་པོར་འགྱུར།

སུ་ལ་སྐྱ་འགྲིབ་ཕོག་སྲིད་དམ་

སྐྱ་འགྲིབ་དེ་་ལོ་ན་རྒས་པའི་བརྒྱུད་རིམ་ནང་གི་་སྤྱིར་བཏང་གི་ཆ་ཤས་ཤིག་ཡིན།  དེ་ཕྱིར་མི་ཚང་མ་རྒས་པའི་བརྒྱུད་རིམ་ནང་དུ་སྐྱ་འགྲིབ་ཕོག་སྲིད།  ཡིན་ན་ཡང་རྐྱེན་གཞན་ལ་རྟེན་ནས་།   གཞོན་སྐྱེས་དུས་ལ་ཡང་སྐྱ་འགྲིབ་ཕོག་སྲིད།

ག་དུས་སྐྱ་འགྲིབ་ཀྱི་གཤག་བཅོས་བྱེད་དགོས་སམ།

སྐྱ་འགྲིབ་དེ་རང་ང་ཚོའི་མིག་ལ་སྐྱོན་མེད།   དེ་འདྲ་ཡིན་དུས་སྐྱ་འགྲིབ་ཀྱི་ང་ཚོའི་མིག་ཤེས་ལ་སྐྱོན་རྒྱབ་དུས་ཞི་ན་གཤག་བཅོས་བྱེད་རིང་ཡོད།

སྐྱ་འགྲིབ་ཀྱི་གཤག་བཅོས་ཀྱི་རྒྱུད་རིམ་གང་འདྲ་ཡིན་ནམ་

སྐྱ་འགྲིབ་ཀྱི་གཤག་བཅོས་རྒྱུད་རིམ་དང་པོ་ནི་འགྲིབ་པ་འཁོར་བའི་མིག་དབང་གི་དྭངས་ཤེལ་དེ་མར་སྟོན་ནས་མིས་བཟོས་དྭངས་ཤེལ་ཤིག་བརྗེ་ཚབ་འཇོག་པ་དང་།སྐྱ་འགྲིབ་ཀྱི་གཤག་བཅོས་བྱས་པའི་སྐབས་ས་གནས་ཀྱི་སྦིར་སྨན་བེད་སྤྱོད་གཏང་གི་ཡོད་པས་མིའི་རིག་པ་གསལ་པོར་གནས་ཀྱི་ཡོད་འོན་ཀྱང་མིག་ལ་ན་ཟུག་གཏང་མ་སྲིད།གཤག་བཅོས་ཀྱི་སྐབས་ཁྱེད་ཀྱི་རྒྱུད་རིམ་ཚངས་མ་ཞིབ་ནན་གྱིས་མཐོང་མ་སྲིད ཡིན་ནའང་ཁྱེད་རང་གིས་འོད་ཆེན་པོའམ་ཚོན་མདོག་མང་པོ་མཐོང་སྲིད།  གཤག་བཅོས་ཀྱི་རྒྱུད་རིམ་ནང་ཁྱེད་རང་མར་གཟིམས་ནས་གཞུགས་དགོས།   གལ་ཏེ་ཁྱེད་རང་གློ་རྒྱག་འདོད་པ་དང་གཟིམས་སྟངས་བདེ་བ་ཞིག་ལ་གོམས་འདྲིས་བྱེད་འདོད་ན།  ངེས་པར་དུ་སྨན་པ་ལ་ཉེན་བརྡ་གཏོང་དགོས།་གཤག་བཅོས་ལ་རྒྱུན་དུ་ཆུ་ཚོད་ཕྱེད་ཀ་ཙམ་དུ་འགོར་གྱི་ཡོད།  འགྲིབ་པ་འཁོར་བའི་མིག་དབང་གི་དྭངས་ཤེལ་དེ་མར་སྟོན་ནས་མིས་བཟོས་དྭངས་ཤེལ་ཤིག་བརྗེ་ཚབ་འཇོག་པའི་ཆེད་དུ་མིག་ཟུར་ནས་གྲི་ཁ་ཆུང་ཆུང་ཞིག་གཅོད་སྲིད།མིས་བཟོས་དྭངས་ཤེལ་གྱི་རྒྱུ་ཆ་དེ་འགྱིག་ཡིན་པ་དང་གཏན་དུ་མིག་ནང་གནས་ཀྱི་ཡོད།་མིས་བཟོས་དྭངས་ཤེལ་གྱི་འཇལ་ཚད་གཤག་བཅོས་སྔོན་ལས་འཇལ་ཚད་ལེགས་པར་བྱེད་དགོས་གི་ཡོད་པས་ནད་པ་རང་ཉིད་ལ་རྟག་རྟག་བྱེད་པའི་མིས་བཟོས་དྭངས་ཤེལ་ཤིག་བཟོས་ཐུབ།

སྐྱ་འགྲིབ་ཀྱི་གཤག་བཅོས་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།

སྐྱ་འགྲིབ་ཀྱི་གཤག་བཅོས་ཀྱི་དམིགས་ཡུལ་ནི་མིག་ཤེས་ཡར་རྒྱས་འགྲོ་ནས་གསལ་བར་མཐོང་ཐུབ།    འགྲིབ་པ་རྣམས་མེད་པར་སྟང་ཚར་རྗེས་ཁྱེད་རང་གི་མིག་སྔར་ལས་གསལ་བར་མཐོང་ཐུབ། མིག་གི་ཚོན་འཛིན་གྱི་ཉས་པ་ཡང་ཡར་རྒྱས་ཕྱིན་།

སྐྱ་འགྲིབ་ཀྱི་གཤག་བཅོས་ལ་ཉེན་ཁ་གང་ཡོད།

སྐྱ་འགྲིབ་ཀྱི་གཤག་བཅོས་སྤྱིར་གཏང་ལེགས་འགྲུབ་ཡོང་གི་ཡོད་།རྒྱ་ཆ་95་ནས་རྒྱ་ཆ་100སྐྱ་འགྲིབ་ཀྱི་གཤག་བཅོས་བྱས་པའི་ནད་པས་ཁོང་ཚོའི་མིག་ཤེས་ཡར་རྒྱས་ཕྱིན་པ་གསལ་བསྒརྒས་བྱེད་འདུག།་་ཡིན་ནའང་ཚང་མས་མཁྱེན་དགོས་པ་ཤིག་ལ་གཤག་བཅོས་གང་འདྲ་ཤིག་ཡིན་ཡང་དེ་ལ་ཉེན་ཁའི་རྙོག་འཛིངས་ཤིག་ཡོད་།་གཤག་བཅོས་ཚར་རྗེས་ནད་སོལ་གྱི་རྒྱུད་རིམ་ནང་སྨན་པའི་བཀོད་བྱུས་ལ་ལེགས་པར་སྙན་དགོས་།

Nubri Language Documentation Project

སྨན་བཅོས་དེ་ཧོང་ཁོང་སློབ་ཆེན་རོགས་དངུལ་ལྷན་ཚོགས་ཀྱི་ཧོང་ཁོང་སློབ་ཆེན་ཤེས་ཡོན་སྤེལ་རེས་ཐེབས་རྩ་ཡིས་འབུམ་རམས་པ་Cathryn Donohue(སྐད་ཡིག་རིག་པའི་ཚན་ཁག་གི་དགེ་རྒན་ཆེན་མོ་རམ་འདེགས་པ།)

BACK TO ནུཔ་རི་ལུང་གི་མིག་གི་སྨན་དཔྱད་ཁང